མཛེས་སྡུག་ཆེ་བའི་སྨན་ཆུང་བུ་མོ་དང་།། ཆགས་པ་ཆེ་བའི་འདོད་ཅན་ཕོ་མོ་ཚུ།།

ཨོཾ་ཨཱ་ཧཱུ྇་བཛྲ་གུ་རུ་ཁ་ཐུན་བགྱངས་།། མི་རྟག་འཆི་བ་དགེ་སློང་བརྙན་རྗོགས་ཨིན།།

གོ་ས་གོ་གནས་དབང་ཚད་ཅན་གྱི་དཔོན།། འཕྲོག་བཅོམ་ཨར་རྐུན་འབད་མི་སྡིག་ཅན་ཚུ།།

ཨོཾ྇་ཨཱ་ཧཱུ྇་བཛྲ་གུ་རུ་ཁ་ཐུན་བགྱངས་།། མི་རྟག་དྲང་དཔོན་ལམ་ལུ་ཐུག་དགོཔ་ཡོད།།

འཇིག་རྟེན་རྒས་པའི་ཨ་རྒས་ཨང་རྒས་དང་།། རྣམ་གཡེང་ཆེ་བའི་ན་གཞོན་ཕོ་མོ་ཚུ།།

ཨོ྇་ཨཱ་ཧཱུ྇་བཛྲ་གུ་རུ་ཁ་ཐུན་བགྱངས་།།  མི་རྟག་འཆི་བར་འཆི་རྐྱེན་ངེས་པ་མེད།།

འཇའ་རིསམོ་ས་རིསམོ་ཅན་གྱི་ཕོ་མོ་དང་།། ན་ཚོད་ཆུང་བའི་འདོད་ཅན་གཞོན་ནུ་ཚུ།།

ཨོཾ་ཨཱ་ཧཱུ྇་བཛྲ་གུ་རུ་ཁ་ཐུན་བགྱངས་།། ནེར་མ་ཅན་གྱི་ལུས་ལུ་འགྱུར་ནི་ཡོད།།

བྱིན་རླབས་ཅན་གྱི་དཀོན་མཆོག་མཆོད་པ་དང་།། ལས་ངན་ཆེ་བའི་ངན་སློང་སྦྱིན་པ་འདི་།།

ཨོཾ་ཨཱ་ཧཱུ྇་བཛྲ་གུ་རུ་ཁ་ཐུན་བགྱངས་།། འདི་ལྷག་པའི་མཆོད་རྫས་གཞན་མེད་དོ།།