Voice Through Literature

Category Dzongkha Language

སྐད་ཡིག་གི་འགྱུར་བ།

རི་བྱ་འཁོར་ཏེ་གཡུས་བྱ་བཏོན།  ཟེར་དོ་བཟུམ་སྦེ་ རྫོང་ཁའི་སྐད་ཡིག་ལུ་བསྒྱུར་བ་སོང་ཡོད་པའི་ཁར་  ད་རུང་དུས་ཡུན་གང་མཚམས་ཅིག་ནང་ ཕྱིའི་དངོས་པོའི་འཕེལ་རིབ་དང་ ལམ་སྲོལ་གྱི་བསྒྱུར་བ་ལུ་བསྟུན་ རྒྱལ་ཁབ་ནང་ལུ་ སྐད་ཡིག་གཞན་མང་ཆེ་སུ་སྦེ་ལག་ལེན་འཐབ་པའི་སྐབས་ རྫོང་ཁ་འདི་ཡལ་འགྱོ་ནིའི་ཉེན་ཁ་བྱུང་སྲིད། འཕྲལ་སྐད་དང་བསྟུན་ཏེ་བརྡ་གསརཔ་སྣ་ཚོགས་བཟོཝ་ལས་བརྟེན་སྐད་ཡིག་ནང་ལུ་ལེགས་ཉིས་ཀྱི་འགྱུར་བ་སྦོམ་འཐོན་ཏེ་ཡོད། དཔེར་ན་ ས་སྒོ་ལུ་ ས་གོ། ཨ་ལོ་ལུ་ཨ་ལུ ཟེར་དོ་བཟུམ་ཨིན། ཆོས་སྐད་ཀྱི་སྡེབ་བཅོས་ཏེ་རྫོང་ཁའི་བརྡ་ཡིག་གཏན་ལ་ཕབ་པ་ལུ་བརྟེན་བྱུང་བའི་འགྱུར་བ་། རྫོང་ཁའི་སྐད་ཡིག་དང་གཅིག་ཁར་ ཁ་སྐད་སྣ་ཚོགས་སླ་བསྲེ་སྟེ་རྐྱབ་པའི་རྐྱེན་གྱིས་སྒྲ་སྐད་ཀྱི་རྣམ་འགྱུར་སོ་སོར་བྱུང་སྟེ་ ཨོམ་གྱི་བྲོཝ་ཆུ་གིས་འཐོན་དོ་བཟུམ་རོགས་ཁ་མ་ཤེས་རང་ཁ་འབྱང་མི་ལས་བརྟེན་སྐད་ཡིག་ནང་ལུ་འགྱུར་བ་འཐོན་འོང་། ཡིག་སྡེབ་འདྲི་མིན་སྣ་ཚོགས་བྲི་བའི་སྐབས་ལུ་ སྐད་ཡིག་ལུ་འགྱུར་བ་སྲིད་འོང་། རྫོང་ཁའི་ངག་གིཤས་ཀྱི་སྐྱེ་གནས་དང་མཐུནམ་སྦེ་སྦྱོར་ཀློག་རྐྱབ་མ་ཚུགསཔ་ལས་བརྟེན་པའི་འགྱུར་བ།། ཡི་གུའི་སྒྲ་གདངས་དང་མཐུན་པའི་བརྗོད་སྒྲ་ཚུ་མི་སླབ་པར་ རང་སོའི་བསམ་སྦྱོར་དང་ ལུང་ཕྱོགས་ཀྱི་སླབ་ཐངས་ཚུ་དང་འཁྲིལ་ཏེ་ ག་ཚུད་གུ་ཚུད་སྦེ་བཟོ་སྟེ་སླབ་འགྱོ་བའི་སྐབས་ལུ་  རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་རྗོད་སྒྲ་དག་མ་ཚུགས་པར་ སྐད་ཡིག་ལུ་འགྱུར་བ་འགྱོ་འོང་ནི་དང་ མིང་གིཞ་དང་སྔོན་འཇུག་ རྗེས་འཇུག་ག་ར་ལུ་སྲོག་མེད་ཀྱི་ཡི་གུ་བཟུམ་འགྱོ་སྟེ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་གསུངས་ཡོད་པའི་རྫོང་ཁའི་ངག་གཤིས་ངོ་མ་འདི་ ར་ཡལ་འགྱོ་སྟེ་ ཟུར་ཆག་གི་སྐད་ཡིག་དར་ཁྱབ་འགྱོ་ནིའི་ཉེན་ཁག་སྦོམི་ཡོད། རྗེ་བཙུན་བསོད་ནམས་རྩོ་མོས། དེ་ལ་རང་གི་ཡུལ་གྱི་སྐད།། མ་དག་པ་ཡི་ནོར་བ་མཐོང་།། ཞེས་དང་། མདོར་ན་སྒྲ་ཡི་འབྱུང་གནས་ལས།། འགལ་འདུའ་ཡི་གི་བཀླག་པར་དཀའ།། ཟེར་གསུངས་དོ་བཟུམ།… Continue Reading →

རྫོང་ཁའི་ཡིག་སྡེབ་ཀྱི་གནས་སྟངས་དང་དཀའ་ངལ། Why Dzongkha spelling error?

སློབ་གྲྭ་ཁག་སོ་སོ་ཚུ་ནང་ སློབ་ཕྲུག་ཚུ་གིས་ རྫོང་ཁའི་ཡིག་སྡེབ་དག་ཏོག་ཏོ་བྲི་ནི་ལུ་ དཀའ་ངལ་ཡོད་མི་དེ་ཡང་ དང་པ་ སློབ་ཁང་ནང་ལུ་ བྲི་ནིའི་སྦྱོང་ལཱ་རེ་སྤྲོད་པའི་སྐབས་ལུ་ རྫོང་ཁའི་ཡི་གུ་ཐོག་ལས་མེད་པར་ ཨིང་སྐད་ཀྱི་ཡི་གུ་ཐོག་ལུ་ དོན་དག་གོ ཚུགསཔ་སྦེ་ཟིན་བྲིས་བཏབ་བཞགཔ་ཨིན་མས། གཉིས་པ་ རྫོང་ཁའི་ཡི་གུ་ཚུ་ ཁ་ལས་རྗོད་སྒྲ་ག་སླབ་མི་འདི་ ཡིག་ཐོག་ལུ་ སྣང་བ་གང་ཤར་སྦེ་ བྲི་ནི་འདུག། གསུམ་པ་ རྗོད་སྒྲ་ཅོག་འཐདཔ་འབད་མི་ མིང་ཚིག་ཚུ་འཛོལ་ཏེ་བྲི་ནི་དང བཞི་པ་ སྐད་ཡིག་དང་ཡི་གུ་སྦྱོར་བ་ནང་ཡོད་པའི་ ཕྲད་དང་རྣམ་དབྱེ་གི་ ཐོབ་ཐངས་མ་ཤེསཔ་ལས་ ཡིག་སྡེབ་འཛོལ་བ་འབྱུངམ་ཨིན་མས། ལྔ་པ་ དུས་གསུམ་གྱི་རྣམ་བཞག་དང་འཁྲིལ་བའི་ སྔོན་འཇུག་ རྗེས་འཇུག་དང་ ཡང་འཇུག་ཚུ་བཙུགས་མ་ཤེས་པའི་ དཀའ་ངལ་ཚུ་ཡོདཔ་ལས་བརྟེན་ཨིན།དེ་བཟུམ་མའི་ དཀའ་ངལ་ཚུ་བསལ་དགོ་པ་ཅིན་ སློབ་དཔོན་ཚུ་གིས་ སློབ་སྦྱོང་ལས་དོན་ནང་བཀོད་མི་ ཡིག་སྡེབ་ཚུ་ ཤེས་མ་ཤེས་དབྱེ་ཞིབ་འབད་དེ་ སློབ་ཕྲུག་ལུ་ ལོག་བྲི་ནིའི་གོ་སྐབས་སྤྲོད་དགོཔ་འདུགསློབ་ཕྲུག་གིས་ ཡིག་སྡེབ་འཛོལ་བ་འབྱུང་མི་ཚུ་ མང་ཤོས་ར་… Continue Reading →

རྫོང་ཁའི་ཡིག་སྡེབ་དགཔ་སྦེ་འབྲི་དགོ་པའི་ཁུངས།Importance of correct Dzongkha spelling

ཡིག་སྡེབ་དགཔ་སྦེ་ འབྲི་དགོ་པའི་ཁུངས་ཡང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གིས (མེད། ཤོག་གྲངས་ ༡༡) “ཞིབ་ཏུ་བརྟག་ན་མི་འདྲ་བས།། འཁྲུལ་པ་འབྱུང་བར་མི་སྲིད་ཀྱང་།། རྨོངས་པ་ཕལ་ཆེར་རྒྱ་ཚོམ་དུ།། ནོར་བར་བྲིས་ཤིང་ནོར་བར་ཀློག།། ལོག་པར་གོ་བ་དོན་འཆུག་སྲིད།། དེས་ན་བརྡ་དག་ལ་བརྟེན་ནས།། མ་ནོར་དོན་རྣམས་འཚོལ་བ་གཅེས།།” ཟེར་གསུངས་དོ་བཟུམ་ ཡི་གུ་འབྲི་བའི་སྐབས་ལུ་ ཡིག་སྡེབ་མ་དགཔ་སྦེ་འབྲི་བ་ཅིན་ རང་གིས་མནོ་བའི་དོན་དག་ཚུ་ ཚུལ་བཞིན་དུ་ བརྡ་དོན་སྤྲོད་ལེན་འབད་མ་ཚུགས་པར་ གོ་བརྡ་ཕྱི་འགྱུར་འབད་སྤྲོད་དེ་ རང་གཞན་གཉིས་ཆ་རང་ལུ་ སྟབས་མ་བདེཝ་བྱུང་སྲིད་ནི་ཨིན་མས། ཡིག་སྡེབ་ཚུ་ལེགས་ཤོམ་སྦེ་ དབྱེ་བ་དཔྱད་པ་ཅིན་ འཛོལ་བ་འབྱུང་མི་སྲིད། ཨིན་རུང་ ཡི་གུ་འབྲི་མ་ཤེས་པའི་རྨོངས་པ་ཚུ་གིས་ ཡི་གུ་འདི་སྡེབ་སྦྱོར་མ་ཚང་བ་བྲིས་བའི་བསྒང་ལས་ སོ་སོར་སྦེ་ལྷག་སྟེ་ གོ་བ་ཚུ་དོན་དང་མ་མཐུན་པ་ ཕྱི་འགྱུར་སྦེ་སྤྲོདཔ་ལས་ རིག་པའི་ལམ་ལུ་ གནས་མི་གང་ཟག་ཚུ་གིས་ དག་ཆ་དག་ཏོག་ཏོ་སྦེ་འབྲི་ཐབས་ལུ་ བརྡ་སྤྲོད་པའི་གཞུང་ལུགས་དང་དག་ཡིག་ཚུ་ལུ་ སྦྱང་བཙོན་སྒྲ་དག་སྤུས་དག་སྦེ་ འབད་ནི་འདི་གལ་ཆེ་ནི་ཨིན་མས།དེ་ཉིད་ཀྱིས་ (ཤོག་གྲངས་༢༡ལས་༢༢) “གང་དག་ཡི་གི་འབྲི་བ་པོར། །སྙོམས་གཙང་འགྲིག་གསུམ་ལྡན་པ་དང་།… Continue Reading →

རྫོང་ཁའི་ཡིག་སྡེབ་ཀྱི་ལྕོགས་གྲུབ་ཁྱད་ཚད་དང་ལྡནམ་སྦེ་མེད་པའི་རྒྱུ་རྐྱེན། Why poor competency level in Dzongkha Spelling

དང་པ་ར་ སློབ་ཕྲུག་ཚུ་གིས་ ཡིག་སྡེབ་དག་ཏོག་ཏོ་སྦེ་ འབྲི་མ་ཚུགས་མི་འདི་ཡང་ ཆུང་ཀུའི་བསྒང་ལས་ར་ དག་ཡིག་དང་ཚིག་མཛོད་ནང་ཡོད་པའི་ སྡེབ་སྦྱོར་ཚུ་བལྟ་ནི་དང་ ལག་ལེན་འཐབ་ནི་ལུ་ གོམས་གཤིས་མེདཔ་ལས་བརྟེན་ཨིན་མས། དབྱངས་ཅན་གྲུབ་པའི་རྡོ་རྗེ་གིས། (༢༠༠༤) “ཚིག་གི་སྒྲ་ཙམ་འདྲ་ན་ཡང་། ། དོན་ལ་ཁྱད་པར་ཤིན་ཏུ་ཆེ། །” ཟེར་གསུངས་དོ་བཟུམ་སྦེ་ “དུས་ཀྱི་བསྐལ་པ་བ་སའི་བསྐལ།། ཁུར་ཆ་བཀལ་ནི་བ་བཀལ་ཨིན།” (བློ་གསར་ཡིག་སྡེབ་ལམ་སྟོན་ཟླ་བའི་འོད་ཟེར། ༢༠༠༩ ཤོག་གྲངས་༢) འདི་ཚུ་ ཁ་ལས་སླབ་པའི་སྐབས་ལུ་ བརྗོད་སྒྲ་བསྐལ། བཀལ། གཉིས་ལུ་ཡང་ སྡེབ་དང་དོན་དག་མ་འདྲཝ་སྟོནམ་ལས་ ཨ་ལོ་ཚུ་གིས་ དག་ཡིག་འདི་ཚུ་ བློར་བཟུང་མ་འབད་བ་ཅིན་ དུས་ཀྱི་བསྐལ་པ་བྲི་ནི་འདི་ ཁུར་ཆ་བཀལ་ནི་གི་བཀལ་བྲི་བ་ཅིན་ གཞན་ལུ་གོ་བརྡ་ཕྱི་འགྱུར་སྤྲོད་ནི་ཨིན་མས། དེ་འབདཝ་ལས་ སློབ་ཕྲུག་ཚུ་ ཆུང་ཀུའི་བསྒང་ལས་ར་ དག་ཡིག་དང་ཚིག་མཛོད་བལྟ་ནི་དང་ ལག་ལེན་འཐབ་ནི་ལུ་ སྦྱང་བ་བྱིན་དགོཔ་འདུག།དེ་བཟུམ་སྦེ་ རྫོང་ཁའི་ཡིག་སྡེབ་འཛོལ་བ་འདི་… Continue Reading →

ཡིག་སྡེབ་འཛོལ་བ་ཚུ་སེལ་ཐབས་ཀྱི་ཐབས་ལམ། How to overcome Dzongkha spelling error.

སློབ་ཕྲུག་ཚུ་གི་ ཡིག་སྡེབ་ཡར་རྒྱས་ཀྱི་དོན་ལུ་ སློབ་དཔོན་ཚུ་གིས་ཨ་ལོ་ཚུ་ལུ་དཀའ་ངལ་ངོས་འཛིན་འབད་དེ་ ཐབས་ཤེས་སྣ་ཚོགས་སྟོན་དགོཔ་ཨིན། དེ་ཡང་Smedleyགིས་ སླབ་མི་Jayousi (༡༩༩༤ ཤོག་གྲངས་༦) ནང་ལུ་སློབ་ཕྲུག་ཚུ་གིས་ ཡིག་སྡེབ་ཡར་རྒྱས་བཏང་དགོ་པ་ཅིན་ དང་པ་ར་ སློབ་དཔོན་གྱིས་ཡིག་སྡེབ་དང་འབྲེལ་བའི་ཆོས་རྒྱུགས་ཨ་ལོ་ག་ར་ལུ་ རྐྱབ་བཅུག་དགོཔ་དང་། གཉིས་པ་ཨ་ལོ་ རང་ར་སོ་སོའི་དཀའ་ངལ་ཚུ་གསལ་སྟོན་འབད་དགོཔ་པའི་ཁར་། ཨ་ལོ་ཁོང་ར་གིས་ ཡིག་སྡེབ་ཡར་རྒྱས་ཀྱི་ཐབས་རིག་གདམ་འཐུ་ འབད་ཤེས་པ་ལཱ་ཁག་འོང་ནི་ཨིནམ་ལས་ སློབ་དཔོན་ཚུ་གིས་ འགན་ཁུར་འབག་སྟེ་ ཨ་ལོ་ཚུ་ལུ་ཐབས་ཤེས་ལེགས་ཤོམ་གྱི་ཐོག་ལས་ ཡིག་སྡེབ་ཡར་དྲག་བཏང་དགོ་ཟེར་བཤད་དེ་འདུག ཡིག་སྡེབ་ཡར་དྲག་བཏང་ཐབས་ལུ་ གཞི་རིམ་སློབ་གྲྭ་ཚུ་ནང་ལས་ར་ དག་ཡིག་དང་ཚིག་མཛོད་ བལྟ་ནི་དང་ལག་ལེན་འཐབ་ནི་ལུ་ གོམས་གཤིས་བཟོ་དགོཔ་འདུག།རྒྱལ་སྲས་ཞི་བ་ལྷ་གིས་གསུངས་མི་ མཁན་ཆེན་གཞན་དགའ་གི་མཆན་འགྲེལ་ནང་ལུ་ ལག་ལེན་འཐབ་མི་ནང་ (༢༠༠༩) “གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོ་བཟོད་པར་བྱོས།།” གསུངས་དོ་བཟུམ་སྦེ་ ང་བཅས་ར་ ལྷབ་སྦྱང་འབདཝ་ད་ལུ་ འགོ་དང་པ་ལཱ་ཁག་འབད་ཚོར་རུང་ གོམས་གཤིས་ཚུད་པའི་བསྒང་ལས་ ག་ར་འཇམ་ཏོག་ཏོ་སྦེ་… Continue Reading →

© 2021 Thinley's Journey — Powered by WordPress

Theme by Anders NorenUp ↑